མདོ་སྨད་དྲ་རྒྱ།

དབུས་རྒྱུན་ལས་ཁང་།

སྐབས་བཅུ་བཞི་བའི་དབུས་རྒྱུན་ལས་རྣམ་པའི་ལོ་རྒྱུས་མདོར་བསྡུས།

པར་འདེབས། PDF


ཚོགས་གཙོ་ཡེ་ཤེས་སྒྲོལ་མ་ནི།

ཕྱི་ལོ༡༩༧༡ལོར་ཕ་བློ་བཟང་བསྟན་འཛིན་གྱི་བུ་མོར་བཞུགས་སྒར་རྡ་སར་སྐྱེས་ཤིང་། ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་བཀའ་དྲིན་ཉག་ཅིག་ལ་བརྟེན་ཏེ་རྡ་ས་བོད་ ཁྱིམ་སློབ་གྲྭར་འགྲིམས་ནས་སློབ་སྦྱོང་རིམ་ཐོན་བྱས། ཕྱི་ལོ༡༩༩༦ལོ་ནས༡༩༩༩བར་བཞུགས་སྒར་རྡ་ས་ས་གནས་བུད་མེད་རྒྱུན་ལས་ལ་འོས་འདེམས་ བྱུང་བ་ལྟར་ལོ་གསུམ་རིང་རྩིས་པའི་ཞབས་ཞུ་ཞུས། ཕྱི་ལོ་༢༠༠༣ལོར་རྡ་ས་མདོ་སྨད་ས་གནས་རྒྱུན་ལས་སུ་འོས་འདེམས་བྱུང་བ་ལྟར་དངུལ་ གཉེར་གྱི་ལས་ཁུར་ཞུས་པ་དང་དེ་མཚུངས་ཕྱི་ལོ༢༠༠༣ནས་༢༠༠༦བར་གྱི་ལོ་གསུང་རིང་ དབུས་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་སུ་འོས་འདེམས་བྱུང་སྟེ་ཕྱོགས་བཞུགས་ མཐུན་འབྲེལ་འགན་འཛིན་གྱི་ལས་ཁུར་ཞབས་ཞུ་བྱས། དེ་བཞིན་ཕྱི་ལོ༢༠༠༥ལོར་དབུས་བུད་མེད་ལྷན་ཚོགས་ནས་༧གོང་ས་མཆོག་དང་བོད་གཞུང་ གིས་ལམ་སྟོན་གནང་བའི་དབུ་མའི་ལམ་ལ་རྒྱབ་སྐྱོར་དང་བོད་རྒྱ་ཞི་མོལ་གང་མགྱོགས་ ཡོང་བའི་ཆེད་དུ་དམིགས་ནས་རྒྱ་གར་གྲོང་ཁྱེར་ཆེ་ཁག་བཞིའི་ནང་ཞི་བའི་གོམ་ བགྲོད་ཀྱི་ལས་འགུལ་རྒྱ་ཆེར་སྤེལ་སྐབས་རྡེ་ར་ལྡུན་ནས་ལྡི་ལི་བར་མི་གྲངས་༡༧༠ ལྷག་གི་འགོ་ཁྲིད་དང་གཙོ་འགན་འཐུས་ཚང་ཞུས། གཞན་རྒྱ་གར་བྱང་ཤར་མངའ་ཁོངས་སུ་ཡོད་པའི་བོད་མིའི་འདུས་སྡོད་ས་གནས་ཁག་༨ཙམ་ལ་ དབུས་བུད་མེད་རྒྱུན་ལས་ཀྱི་ལས་དོན་སྒྲུབ་ཕྱོགས་དང་མ་འོངས་ལས་འཆར་སྐོར་སོགས་ མི་མང་ལ་དྲིལ་བསྒྲགས་སླད་དུ་བསྐྱོད། ཕྱི་ལོ༢༠༠༦ལོར་དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་ཡང་བསྐྱར་རྒྱུན་ལས་ སུ་འོས་འདེམས་བྱས་པ་བཞིན་༢༠༠༩བར་ལས་འགན་ཞབས་ཞུ་ཁུར་གཙང་ཞུས། ཕྱི་ལོ༢༠༠༧ལོར་བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞིའི་འོས་འདེམས་བརྒྱུད་མདོ་ སྨད་སྤྱི་འཐུས་ཀྱི་ཕྱག་ལས་གནང་མུས་ཡིན་ལ། ཕྱི་ལོ་༢༠༠༩་ལོར་མདོ་སྨད་ཚོགས་ཆེན་ཐེང་བཅུ་བཞིའི་ཐོག་མདོ་སྨད་དབུས་སྤྱི་ ཁྱབ་རྒྱུན་ལ་འོས་འདེམས་བྱུང་བ་ལྟར་ད་ལྟ་མདོ་སྨད་དབུས་རྒྱུན་ཚོགས་གཙོའི་ལས་ འགན་འཁུར་བཞིན་པ་བཅས་སོ།།

ཚོགས་གཞོན་མགོན་པོ་དོན་འགྲུབ།

ཕྱི་ལོ ༡༩༦༩ ལོའི་ཟླ ༡༠ ཚེས ༡ ཉིན་མདོ་ཁམས་སྨད་ཀྱི་ཆར་གཏོགས་རྨ་ཆུའི་དབལ་ཤུལ་སྨར་སྡེ་ཁྲོ་ཁོ་ཆུ་ཁ་མ་ཚོ་ བར་སྐྱེས། ཕྱི་ལོ ༡༩༧༩ཙམ་ནས་སློབ་ཆུང་དང་གཙོད་འབྲིམ་རིམ་ཆེད་གཉེར་སློབ་གླིང་བཅས་རིམ་བརྒྱུད་ ཀྱིས་ཕྱི་ལོ ༡༩༩༠ལོར་རང་ཡུལ་དུ་སློབ་གསོའི་ལས་གནས་སུ་ཞུགས། ཕྱི་ལོ༡༩༩༢ལོའི་ཟླ་༣པར་རྨ་ཆུའི་རྩིས་གཉེར་ཟབ་སྦྱོང་ཐེངས་གཉིས་པར་ཞུགས། ཕྱི་ལོ༡༩༩༥ལོའི་ཟླ༤པར་རྨ་ཆུའི་སློབ་ཁྲིད་ཐབས་ལམ་བརྗེ་རེས་ཀྱི་བགྲོ་གླེང་དུ་ ཞུགས། ཕྱི་ལོ་༡༩༩༨ལོའི་ཟླ་༡༠ཚེས་༡༥ཉིན་ཕ་ཡུལ་དང་ཁ་བྲལ་ཏེ་བཙན་བྱོལ་གྱི་ལམ་བུར་ ཞུགས། ཕྱི་ལོ་༡༩༩༩ཟླ༣ཚེས་༡༥ཉིན་གསོག་སྒར་ཤེས་རབ་དགའ་ཚལ་སློབ་གླིང་དུ་ཞུགས། ཕྱི་ལོ་༢༠༠༠ཟླ༡༢ཚེས༡ཉིན་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ཉམས་ཞིབ་ རྩོམ་སྒྲིག་སྡེ་ཚན་དུ་ཡིག་ཚད་ཀྱི་ལམ་ནས་འཛུལ་ཞུགས་བྱས། ཕྱི་ལོ༢༠༠༣ལོའི་ཟླ༤ཚེས་༡ཉིན་མདོ་སྨད་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་དྲུང་ གི་འགན་ཁུར། ཕྱི་ལོ་༢༠༠༣ཟླ༧ཚེས་༡༣ཉིན་དྷ་ས་མདོ་སྨད་ས་གནས་རྒྱུན་ལས་སུ་མང་མོས་བདམས་ཐོན་ བྱུང་། ཕྱི་ལོ་༢༠༠༤ཟླ༢ཚེས་༡༡ནས་ཟླ༣ཚེས་༡༠བར་ཟླ་གཅིག་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ ཀྱི་གོམ་བགྲོད་ལས་འགུལ་དུ་ཞུགས། ཕྱི་ལོ་༢༠༠༤ཟླ་༤ཚེས༢༨ཉིན་མཉམ་འབྲེལ་རྒྱལ་ཚོགས་མདུན་བོད་མི་གསུམ་ནས་ངེས་མེད་ ཟས་བཅད་ངོ་རྒོལ་གནང་བར་རྒྱབ་སྐྱོར་མཚོན་སླད་དྷ་སར་ཟས་བཅད་ངོ་རྒོལ་དུ་ཞུགས། ཕྱི་ལོ་༢༠༠༤ཟླ་༦ཚེས༡༢ཉིན་མདོ་སྨད་གནད་ཡོད་མི་སྣའི་ཛ་དྲག་ཚོགས་འདུར་ཞུགས་ ཤིང་སྐབས་དེའི་ཚོགས་དྲུང་གི་འགན་ཁུར། ཕྱི་ལོ༢༠༠༤ཟླ༨ཚེས༡ནས་ལོ་གཅིག་རིང་མདོ་སྨད་ཨ་ཁུ་པདྨ་འཁྲབ་སྟོན་ཚོགས་པའི་ ཚོགས་གཙོའི་མིང་ཙམ་ཁུར། ཕྱི་ལོ༢༠༠༤་ཟླ༡༡ཚེས་༡་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གློད་ གྲོལ་ཡོང་ཆེད་ཟས་བཅད་ངོ་རྒོལ་དུ་ཐེངས་དྲུག་ལ་ཞུགས། ཕྱི་ལོ་༢༠༠༥ཟླ༣ཚེས༡༢ཉིན་བོད་ཀྱི་དབུས་བུད་མེད་ལྷན་ཚོགས་ནས་བཀོད་སྒྲིག་གནང་ བའི་ཞི་བའི་གོམ་བགྲོད་དུ་ཞུགས། ཕྱི་ལོ་༢༠༠༥ཟླ༧ཚེས༢༦ནས་དྷ་ས་ས་གནས་འོས་བསྡུ་ལས་ཁུངས་ཀྱི་མདོ་སྨད་ཚོགས་མིར་ བདམས་ཐོན་བྱུང་། ཕྱི་ལོ་༢༠༠༦ཟླ༣ཚེས༡༥ཉིན་སྐབས་བཅུ་གསུམ་པའི་མདོ་སྨད་དབུས་རྒྱུན་དུ་བདམས་ཐོན་ བྱུང་སྟེ་སྐབས་དེའི་བདེ་དོན་འགན་འཛིན་གྱི་ལས་ཁུར་ཞུས། ཕྱི་ལོ༢༠༠༦ཟླ༤ཚེས་༡༤ཉིན་སླར་ཡང་སྐབས་བཅུ་པའི་དྷ་ས་མདོ་སྨད་ས་རྒྱུན་དུ་མང་ མོས་བདམས་ཐོན་བྱུང་སྟེ་སྐབས་དེའི་ཚོགས་གཙོའི་མིང་ཙམ་ཁུར། ཕྱི་ལོ༢༠༠༦ཟླ༦ཚེས༢༣ཉིན་སྐབས་ལྔ་པའི་དྷ་ས་ས་གནས་གྲོས་ཚོགས་འཐུས་མིར་སྒུག་ཐོ་ བརྒྱུད་བདམས་ཐོན་བྱུང་། ཕྱི་ལོ༢༠༠༧ཟླ༡༠ཚེས༢༢ཉིན་སླར་ཡང་སྐབས་དྲུག་པའི་དྷ་ས་ས་གནས་གྲོས་ཚོགས་འཐུས་ མིར་མང་མོས་བདམས་ཐོན་བྱུང་། ཕྱི་ལོ་༢༠༠༨ཟླ༣ཚེས༡༣ནས་དྷ་ས་བོད་གཞུང་མང་ཛ་དྲག་ཚོགས་ཆུང་གི་མདོ་སྨད་ཚོགས་ མིའི་འགན་ཁུར། ཕྱི་ལོ་༢༠༠༨ཟླ༡༡ཚེས༡༧ནས་ཉིན་དྲུག་རིང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༩འོག་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་ཐོག་མདོ་སྨད་དབུས་རྒྱུན་གྱི་ངོ་ཚབ་ ཞུས། ཕྱི་ལོ་༢༠༠༩ཟླ༤ཚེས་༣༠ནས་མདོ་སྨད་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཐོག་མང་མོས་ བདམས་ཐོན་བྱུང་སྟེ་སྐབས་བཅུ་བཞི་པའི་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ ཚོགས་གཞོན་དང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉམས་ཞིབ་རྩོམ་ སྒྲིག་པ་བཅས་ཀྱི་འགན་ཁུར་མུས་སུ་ཡོད།

དྲུང་ཆེ་ཁྱུང་སྲས་རྒྱ་རིགས་ཐར།

ཕྱི་ལོ་༡༩༦༩ལོའི་ཕྱི་ཟླ༡༢པའི་ཚེས༢༤ཉིན་མདོ་སྨད་ཀླུ་ཚང་གོང་བ་སྡེ་བར་སྐྱེས། ཕྱི་ལོ༡༩༩༢ལོར་མདོ་སྨད་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་ ཏེ་མང་རའི་སུམ་མདོ་སློབ་ཁུལ་དུ་ལོ་ངོ་བཅུ་གཅིག་རིང་དགེ་རྒན་གྱི་ལས་ཀ་གཉེར། ༡༩༩༧ལོར་མཚོ་སྔོན་སློབ་གསོ་སློབ་གླིང་གི་ཡིག་ཐོག་འཛིན་གྲྭར་ཞུགས་ཏེ་༢༠༠༡ ལོར་སློབ་མཐར་ཕྱིན། ཕྱི་ལོ༡༩༩༦ནས༡༩༩༨ལོའི་བར་ལས་ཞོར་དུ་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ ཚོགས་པའི་སྒྲུབ་གནང་མཛད་པའི " ༤༠༡རྣམ་གྲངས་ " བོད་ཀྱི་སྲོལ་རྒྱུན་རིག་གནས་ཉམས་ཞིབ་འཛིན་གྲྭར༼ཀོས་ནན་འཛིན་གྲྭ༽(UNDP/CPR /96/401/PROJECT)ཞུགས་ཏེ་གོ་བརྒྱད་ལོར་སློབ་མཐར་ཕྱིན། ཕྱི་ལོ་༢༠༠༢ལོར་མི་རིགས་ཤིག་གི་བདེ་སྡུག་གི་ལས་དབང་ཁུར་ནས་ནང་མི་ལྔ་མཉམ་དུ་ རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཏེ་རིམ་པར་བཞུགས་སྒར་རྡ་རམ་ས་ལའི་འོས་བསྡུ་ ཚོགས་པའི་ཚོགས་མི་དང་། བོད་ལྗོངས་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་དྲུང་ཆེ། ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ལྟེ་གནས་ཀྱི་རྩོམ་སྒྲིག་ལས་ཐོག་པ་དང་འགན་འཛིན་ གྱི་ལས་ཁུར་གནང་མུས་དང་། ལོ་ངོ་བདུན་གྱི་དུས་རིམ་ནང་ < < དག་གསར > > གྱི་གཙོ་སྒྲིག་གཞོན་པ་དང < < གློག་ཀླད་ཀྱི་རྨང་གཞིའི་ཤེས་བྱ > > < < ཚོར་བའི་ཕ་བོང་ > > < < ཨན་ན་ཁཱ་རེ་ནེ་ན > > < < འཇགས་མི་སྲིད་པའི་བཞུར་རྒྱུན > > < < གཉིད་འགུག་འགག་གི་མཚར་སྒྲུང > > < < སྐུ་དྲག་གི་སྒོ་འགྲམ > > < < ཐུ་བྷོད་སྤྱི་ཚོགས་ཀྱི་བུད་མེད་ཐོབ་ཐང > > < < བཅོམ་ལྡན་འདས་ཐུབ་པའི་དབང་བོའི་མཛད་པ > > < < ཁྱིམ་མཚེས་དང་ཆ་ཤས > > < < རོ་ལང > > < < ས་ཆེན་གྱི་སྨྲེ་ངག > > < < བོད་གདངས་སུ་གྱེར་པའི་སྙན་རྩོམ > > < < སྤྱང་མའི་རྐང་རྗེས་འཚོལ་བ > > < < བང་སོ > > < < ཁ་བ་དེབ་ཕྲེང་བཅུ་གསུམ > > < < ཚེ་རིང་སྐྱིད་ཀྱི་སྙན་རྩོམ > > < < སྲིད་དབང་སྒེར་འཛིན་པའི་དམངས་གཙོ་གླེང་བར་ལྟ་བ > > སོགས་ཀྱི་གཙོ་སྒྲིག་པ་དང་། གཙོ་སྒྲིག་གཞོན་པ། ལག་བསྟར་རྩོམ་སྒྲིག་པ་བཅས་ཀྱི་ལས་འགན་ཁུར་ཡོད་ལ། དམིགས་བསལ་རང་ཉིད་ཀྱི་བརྩམས་ཆོས་ནི < < ཁྱིམ་མཚེས་དང་ཆ་ཤས > > " སྲིད་དབང་སྒེར་འཛིན་པའི་ངོ་བོ་དངོས་མ་འཚོལ་བ " " ཕམ་ཉེས་ཤིག་གི་མཇུག་བྱང་ " " ཁྲི་ཤོར་རྒྱལ་མོའི་འབོད་པ " སོགས་ཡོད།

ཆོས་རིག་འགན་འཛིན་བློ་བཟང་དཔལ་ལྡན།

སྤྱི་ལོ་༡༩༧༣ལོའི་ཟླ༣ཚེས༦ཉིན་མདོ་སྨད་རྭ་རྒྱ་ཙ་འགུ་སྡེ་བར་སྐྱེས་ཤིང་། སྤྱི་ལོ་༡༩༨༣ལོར་རབ་ཏུ་བྱུང་སྟེ་རྭ་རྒྱ་བཀྲ་ཤིས་འབྱུང་གནས་ཀྱི་ཆོས་སྒོར་ ཞུགས། རྭ་རྒྱ་དགོན་པར་དགེ་བའི་བཤེས་གཉེན་དུ་མར་བསྟེན་ནས་ནང་པའི་མཚན་ཉིད་རིག་པའི་ གཞུང་ལུགས་གཙོ་བོར་བྱས་པའི་རིག་པའི་གནས་སྣ་ཚོགས་ལ་སློབ་སྦྱོང་བྱས་པ་དང་། སྤྱི་ལོ ༡༩༨༩་ལོར་དབུས་ཀྱི་གདན་ས་སེ་ར་དགོན་པར་མུ་མཐུད་སློབ་གཉེར་གྱི་ཞོར་ལ་ " བོད་ རང་དབང་སྒེར་ཚོགས་ " ཞེས་པའི་གསང་བའི་སྒྲིག་འཛུགས་ཁྲོད་ཞུགས་ཏེ། ༧གོང་ས་མཆོག་གི་མཛད་རྣམ་དང་། བཀའ་སློབ། བོད་ཀྱི་སྲིད་དོན་ཡིག་ཆ་མང་པོར་སློབ་སྦྱོང་བྱས། སྤྱི་ལོ ༡༩༩༡ལོར་བོད་ཀྱི་རྒྱལ་དར་དང་སྲིད་དོན་ཡིག་ཆ་མང་པོ་ཞིག་ཁུར་ཏེ་ཕྱིར་རང་ཡུལ་ དུ་ལོག སྤྱི་ལོ༡༩༩༢ལོར་ " བོད་རང་དབང་སྒེར་ཚོགས་ " མདོ་སྨད་དུ་རྩ་འཛུགས་བྱས་ཤིང་། ལོ་དེའི་བོད་ཟླ༩བའི་ཚེས་༢༢ཉིན་༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེའི་ཁྲི་སྟོན་ མཛད་སྒོ་དང་སྟབས་བསྟུན་རྭ་རྒྱའི་འདུ་ཁང་ཆེན་མོའི་ཕྱོགས་བཞིར་བོད་ཀྱི་རྒྱལ་ དར་སྒྲེང་འཛུགས་དང་། མི་དམངས་ཁྲི་ཕྲག་མང་པོའི་འདུ་འཛོམས་ཁྲོད་བོད་རང་བཙན། རྒྱ་དམར་གྱི་མི་རིགས་སྲིད་ཇུས་ལ་མཚང་འབྱིན་གྱི་ནང་དོན་འཁོད་པའི་ཡིག་ཆ་ཁྲི་ ཕྲག་དུ་མ་འགྲེམས་སྤེལ་བྱས། སྐབས་དེར་བློ་བཟང་དར་རྒྱས་རྒྱ་དམར་གྱིས་འཛིན་བཟུང་བྱས་རྐྱེན། ཁོ་དང་ཡེ་ཤེས་རྒྱལ་མཚན་གཉིས་སྟབས་ལགས་ནས་རི་སྒང་དུ་བྲོས་ཐར་ཏེ། དུས་ཡུན་ཟླ་གཅིག་དང་ཕྱེད་ཙམ་ལ་རི་མགོ་དང་བྲག་ཕུག་སོགས་སུ་སྦས་སྐུང་གིས་ བསྡད་ཅིང་། རིམ་གྱིས་རྒྱ་དམར་གྱི་འགུལ་སྐྱོད་དང་བསྟུན་ཏེ་མི་མེད་ཐང་སྟོང་གི་གནས་དུ་མ་ བརྒྱུད་སྤྱི་ལོ༡༩༩༣ལོར་རྒྱ་གར་དུ་བྲོས་ཐར་ཙམ་བྱུང་། སྤྱི་ལོ༡༩༩༤ལོར་སེར་བྱེས་མཁས་སྙན་གྲྭ་ཚང་དུ་རྒྱུགས་སྤྲོད་ཀྱིས་འཛིན་གྲྭ་ གསུམ་འཕར་ཏེ་ལོ་བསྟུད་མར་རྒྱུགས་སྤྲོད་ཆེ་ཆུང་གང་ཡིན་ལ་འཛིན་གྲྭའི་ཁྲོད་ རྩེ་ཕུད་ཀྱི་གཟེངས་རྟགས་རྒྱུན་དུ་ཐོབ། སྤྱི་ལོ༡༩༩༤ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་སྟེང་རྒྱལ་གཅེས་དཔའ་ བོའི་གཟེངས་རྟགས་སྩལ། སྤྱི་ལོ༡༩༩༦ལོར་སེར་བྱེས་རིགས་ཆུང་རྩོད་རྒྱུགས་ཆེན་མོའི་འགྲན་བསྡུར་ཁྲོད་ ཨང་རིམ་དང་པོར་སོན་པ་དང་། ལོ་དེར་གདན་ས་སེ་འབྲས་དགེ་གསུམ་གྱི་འཇང་དགུན་ཆོས་ཐོག་དགེ་འདུན་སྟོང་ཕྲག་ འཛོམས་པའི་དབུས་སུ་ཚད་མའི་གཞུང་ལ་དམ་བཅའ་ཐོག་མ་བཞག སྤྱི་ལོ ༡༩༩༧ལོར་རང་ཉིད་ཀྱི་འཚོ་བའི་འཁོས་འབྱོར་ལ་མ་ལྟོས་པར་ < < དྲང་ངེས་རྣམ་ འབྱེད་ཀྱི་ཟིན་བྲིས་དཀའ་གནད་གསལ་བའི་མེ་ལོང་ > > ཞེས་པའི་གནའ་དཔེ་རྩ་ ཆེན་ཞིག་རྩོམ་སྒྲིག་དང་འགྲེམས་སྤེལ་བྱས། སྤྱི་ལོ ༡༩༩༩ལོར་འཛིན་གྲྭ་བཅུ་གསུམ་ལ་ཕར་ཕྱིན་གྲྭ་སྐོར་དང་འབྲེལ་སེར་བྱེས་གཙུག་ལག་ སློབ་གཉེར་ཁང་ཆེན་མོ་ནས་ཕར་ཕྱིན་རབ་འབྱམས་པའི་ལག་འཁྱེར་ཐོབ་པ་དང་། གཞན་ཡང་འཛིན་གྲྭ་ལྔ་ཙམ་ལ་དཔེ་ཁྲིད་དང་བགྲོ་གླེང་སོགས་བྱས། སྤྱི་ལོ ༢༠༠༢་ལོར་མ་འོངས་སྤྱི་ཚོགས་ཁྲོད་དོལ་རྒྱལ་རོ་ལངས་རྒྱག་འདོད་ཀྱི་རྨི་ལམ་འཆང་ མཁན་དགོན་གསར་སྤྲུལ་སྐུ་ཞེས་པ་གྲྭ་ཚང་གི་སྒྲིག་ཁོངས་ནས་ཕྱིར་འདོན་བྱེད་མིན་ ཐད་རྩོད་གླེང་སྣ་ཚོགས་ཡོང་སྐབས། ཐོག་མ་ནས་འཆར་གཞི་དང་གོ་རིམ་ཡོད་པའི་ཐོག་ནས་གནད་ལ་འཁེལ་བའི་བྱ་ཐབས་བཀོལ་ཏེ། ཆོས་པའི་མིང་ཐོག་ནས་ཆོས་དང་མི་རིགས་གཉིས་ཀར་རྐང་འདྲེན་པའི་ཟོག་པོ་དེ་ཚོ་དང་ འབྲེལ་ལམ་གཙང་གཅོད་ཀྱི་བྱ་བཞག་རླབས་ཆེ་བ་དེ་མཐའ་སྐྱེལ་བྱས། སྤྱི་ལོ་༢༠༠༥ ནས་མུ་མཐུད་དུ་འདུལ་མཛོད་ཀྱི་གཞུང་ལ་སྦྱངས་པ་བྱས་ཤིང་། ད་ལྟ་གཞུང་བཀའ་པོད་ལྔ་ལ་ལངས་ཕྱོགས་དང་གདེང་ཚོད་ཡོད་པའི་སྦྱངས་པ་མཐར་ཕྱིན་ ཡོད་པ་དང་།མུ་མཐུད་སློབ་སྦྱོང་གི་ཞོར་དུ་ " གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ ཚོགས་ " གསར་འཛུགས་དང་། སྐབས་དང་པོ་དང་གཉིས་པའི་ཚོགས་གཙོ་དང་། སེར་བྱེས་མཁས་སྙན་གྲྭ་ཚང་གི་སྐབས་གཉིས་ཀྱི་རིང་གྲོས་ཚོགས་འཐུས་མི་གནང་བཞིན་ ཁ་ལག་གཉིས་ལྡན་གྱི་བྱ་བཞག་རྒྱུན་མཐུད་དུ་གནང་བཞིན་པ་དང་། དེ་མིན་ལོ་གསུམ་རིང་གི་སྦེལ་ཀོབ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་ཚོགས་གཙོའི་ལས་ འགན་མཐར་ཕྱིན་པ་དང་། ད་ལྟ་མདོ་སྨད་དབུས་རྒྱུན་ལས་ཀྱི་འགན་ཁུར་འཁུར་བཞིན་ཡོད་ལ། སྤྱི་ལོ་༢༠༠༨ལོར་བོད་ཀྱི་སྤྱི་ཚོགས་ཀྱི་གནད་དོན་སྣ་ཚོགས་ལ་བསམ་གཞིག་ཡུན་ རིང་བྱས་པའི་གྲུབ་དོན་གཞི་ལ་བཞག་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་ < < ས་ མཐའི་བསམ་གཞིག་ > > ཅེས་པའི་ཆེད་རྩོམ་ཞིག་ཀྱང་དཔར་སྐྲུན་བྱས་པ་བཅས་ལོ་ རྒྱུས་མདོར་བསྡུས་སུ།

བདེ་དོན་འགན་འཛིན་བསྟན་པའི་དངོས་གྲུབ།

ཕྱི་ལོ་ ༡༩༧༣ ལོར་མདོ་སྨད་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་འདབས་འབྲེལ་ཆབ་འགག་ཁོངས་མེ་ཏོག་ ལུང་པ་ནས་སྐྱེས་ཤིང༌། རང་ལོ་བཅུ་གཉིས་སྟེང་རྗེ་ཞྭ་དམར་པཎ་ཊི་ཏའི་གདན་ས་དྷི་ཚ་རི་ཁྲོད་བཀྲ་ཤིས་ ཆོས་སྡིང་གི་ཆོས་སྒོར་ཞུགས་ཏེ། ལོ་ངོ་བཅུའི་རིང༌། སུམ་རྟགས་སོགས་ཐ་སྙད་རིག་གནས་དང༌། བསྡུས་གྲྭ བློ་རྟགས། ས་ལམ། གྲུབ་མཐའ། དོན་བདུན་ཅུ་སོགས་ལ་སྦྱང་གཉེར་བྱས། ཕྱི་ལོ་ ༡༩༩༣ ལོར་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་ཞིང༌། གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་སྡེ་ནས་ལོ་ངོ་བཞིའི་རིང༌། ཚད་མ་དང་གྲུབ་མཐའ། ཕར་ཕྱིན་སོགས་ལ་སྦྱངས་བརྩོནབྱས། ཕྱི་ལོ་ ༡༩༩༧ ལོ་ནས་བཞུགས་སྒར་རྡ་རམ་ས་ལར་གཏན་སྡོད་ཀྱིས་སྤྱི་ཚོགས་ཞབས་ཞུ་དང༌། ཆབ་སྲིད་ལས་འགུལ་ཆེ་ཕྲ་མང་པོའི་ནང་ཆ་ཤས་བླངས་པ་དང༌། ཆབ་སྲིད་བགྲོ་གླེང་དང་རིག་གཞུང་བགྲོ་གླེང་སྣ་ཚོགས་པའི་ཆ་ཤས་ལེན་པ་སོགས་བྱས། ཕྱི་ལོ་ ༢༠༠༡ ནས་ལོ་ངོ་གཉིས་རིང་རྡ་ས་རིགས་ལམ་སློབ་གཉེར་ཁང་གིས་གཙོ་སྐྱོང་དང་འབྲེལ་ཡོད་ འཇར་པན་གྱི་གཙུག་ལག་སློབ་གཉེར་ཁང་ཞིག་གིས་ཆེད་གཉེར་བོད་ཡིག་གི་བཀའ་བསྟན་ གསུང་རབ་གློག་ཀླད་ཡིག་གཟུགས་སུ་ཕབ་འཇུག་གི་ལས་གཞི (Tangur Project) དང་འབྲེལ་བའི་ལས་དོན་ལོ་གཉིས་རིང་སྒྲུབ། ཕྱི་ལོ་ ༢༠༠༣ ལོར་ " བོད་རིགས་ཉམ་ཐག་རོགས་སྐྱོར་ཐེབས་རྩ་ " གསར་འཛུགས་དང་ས་གནས་གཞུང་ལ་ཁྲིམས་ མཐུན་དེབ་སྐྱེལ་བྱས་འབྲེལ། བོད་ནས་གསར་དུ་འབྱོར་བའི་བོད་མི་ཉམ་ཐག་གཙོ་བོར་བཞག་སྟེ། བོད་པའི་སྤྱི་ཚོགས་ནང་གི་ཉམ་ཐག་བོད་མི་ཁག་ཅིག་དང༌། བོད་ནས་གསར་དུ་འབྱོར་བའི་ཕྲུ་གུ བོད་ཕྲུག་དབང་པོ་སྐྱོན་ཅན་ཁག་ཅིག་ལ་འཚོ་སྣོན་དང༌། སློབ་ཡོན། སྨན་གྲོན་བཅས་ཀྱི་རོགས་རམ་གང་འཚམ་ཞུ་ཐུབ་པ་བྱུང་ཞིང༌། ལས་དོན་འདིར་རང་གཞུང་འཕྲོད་བསྟེན་ལས་ཁུངས་ནས་ཀྱང་བསྔགས་བརྗོད་དང་བཅས་ལས་ དོན་མུ་མཐུད་སྤེལ་དགོས་པའི་རྟིང་སྐུལ་བཀའ་ཡིག་བསྩལ་ཐོབ་བྱུང་སྟེ། ལས་དོན་ཞུ་སྒོ་མུ་མཐུད་གཉེར་བ་དང་གཞི་རྒྱ་ཆེར་བསྐྱེད་ཀྱི་ལས་གཞི་ལམ་ལྷོངས་ ལེགས་འགྲུབ་ཀྱི་སྐབས་ལགས། ཕྱི་ལོ་ ༢༠༠༦ ལོར་རྡ་ས་མདོ་སྨད་ས་གནས་རྒྱུན་ལས་སུ་འོས་འདེམས་བྱུང་དོན་བཞིན། དེ་འབྲེལ་ལས་ཁུར་ཞབས་ཞུ་ལོ་ངོ་གསུམ་རིང་ཐེག་སྒྲུབ་ཞུས། ཕྱི་ལོ་ ༢༠༠༩ ལོར་བོད་ལྗོངས་མདོ་སྨད་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཐོག མདོ་སྨད་དབུས་རྒྱུན་སྐབས་བཅུ་བཞི་པའི་རྒྱུན་ལས་སུ་མང་མོས་འོས་འདེམས་བྱུང་ འབྲེལ། མདོ་སྨད་དབུས་རྒྱུན་སྐབས་བཅུ་བཞི་པའི་བདེ་དོན་དང་འབྲེལ་མཐུད་འགན་འཛིན་གྱི་ ལས་ཁུར་ཞུ་མུས་བཅས་ཡིན།

ཕྱི་འབྲེལ་འགན་འཛིན་ཀརྨ་དགེ་ལེགས།

ཀརྨ་དགེ་ལེགས་ནི་རང་ལོ་༤༦དང་། སྐྱེས་ཡུལ་སྒང་ཏོག་ཡིན། སྡོད་གནས་སྦན་རྡ་ར་ནོར་རྒྱས་གླིང་གཞིས་ཆགས་ཡིན། ཕྱི་ལོ་༡༩༨༤ལོར་མ་སུ་རི་གཏན་སློབ་ནས་འཛིན་གྲ ༡༢ ཐོན་རྗེས་ལོ་ངོ ༡༣ རིང་དྭང་སློབ་ནང་ཞུགས། དུས་ཡུན་དེའི་ནང་ལོ་གཉིས་ཀྱི་རིང་༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་སྲུང་ནང་ ཞུགས། ཕྱི་ལོ ༡༩༩༨ ནས་༢༠༠༩ པར་དུས་ཡུན་ལོ ༡༡ ལྷག་ཙམ་རིང་ " སྦན་རྡ་ར་ས་གནས་གྲོས་ཚོགས་ " ཀྱི་ཚོགས་གཙོའི་ལས་འགན་ཞུ་མུས་ཡིན། ཆབས་ཅིག་ " ནག་པུར་སུད་ཚོང་ " ཚོགས་པའི་འཐུས་མི་དང་ས་གནས་ " དྭང་ཟུར་སྐྱིད་སྡུག " ་ ཚོགས་གཙོའི་འགན་ཁུར་ཞུ་མུས་བཅས་ཁྱོན་བསྡོམས་འདས་པའི་མི་ལོ ༢༤ ལྷག་ཙམ་རིང་སྤྱི་དོན་རང་ནུས་གང་འཇོན་ཞུ་ཁུལ་ཡིན།

དངུལ་གཉེར་བྱམས་པ་ཆོས་སྒྲོན།

ཕྱི་ལོ༡༩༥༨ལོར་སྐྱེས་ཤིང་ ། ཕ་ཡུལ་མདོ་སྨད་རྔ་བ་ནས་ཡིན། རང་གཞུང་དགའ་ལྡན་ཕོ་བྲང་དང་༧གོང་ས་མཆོག་གི་བཀའ་དྲིན་བླ་ན་མེད་པ་ལ་བརྟེན་ནས་ ཕྱི་ལོ་༡༩༦༥ནས་༡༩༧༢ཏེ་ལོ་ངོ་བརྒྱད་ཀྱི་རིང་རྡ་ལ་ཧོ་སཱི་བོད་གཞུང་སློབ་གྲྭར་ ཞུགས་ནས་སློབ་མཐར་ཕྱིན། ཕྱི་ལོ་༡༩༩༢ལོ་ནས་༡༩༩༥བར་གྱི་ལོ་ངོ་བཞིའི་རིང་བཞུགས་སྒར་ " རྡ་ས་ཕ་མའི་ཚོགས་ ཆུང་ " གི་རྒྱུན་ལས་ལས་ཐོག་དང་། ཕྱི་ལོ༡༩༩༦ནས་༡༩༩༩བར་ " རྡ་ས་ས་གནས་བུད་མེད་ཚོགས་པའི་ " རྒྱུན་ལས་ཚོགས་གཙོའི་ ལས་འགན་ཁུར། ཕྱི་ལོ༢༠༠༣ནས་༢༠༠༦བར་ " རྡ་ས་མདོ་སྨད་ས་གནས་རྒྱུན་ལས་ " སུ་འདེམས་ཐོན་གྱིས་ལོ་ གསུམ་རིང་ཚོགས་གཞོན་གྱི་ལས་འགན་ཁུར་མུས་དང་། " རྡ་ས་འོས་བསྡུ་ཚོགས་པའི་ " མདོ་སྨད་ཟུར་དཔང་གི་ལས་འགན་ཁུར་ཡོད། ཕྱི་ལོ་༢༠༠༩ལོར་བོད་ལྗོངས་མདོ་སྨད་ཆོལ་ཁའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་ཐོག་ འདེམས་ཐོན་གྱིས་ " མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ " གི་རྒྱུན་ལས་དང་དངུལ་ གཉེར་གྱི་ལས་འགན་ཁུར་ཡོད།

སྐབས་བཅོ་ལྔ་པའི་དབུས་རྒྱུན་ལས་རྣམ་པ།

པར་འདེབས། PDF

ཚོགས་གཙོ་བསྟན་པའི་དངོས་གྲུབ་ནི་ཕྱི་ལོ་༡༩༧༣ ལོར་མདོ་སྨད་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་འདབས་འབྲེལ་ཆབ་ཆ་ཁོངས་མེ་ཏོག་ལུང་པ་ནས་སྐྱེས་ཤིང༌། རང་ལོ་བཅུ་གཉིས་སྟེང་རྗེ་ཞྭ་དམར་པཎ་ཊི་ཏའི་གདན་ས་དྷི་ཚ་རི་ཁྲོད་བཀྲ་ཤིས་ཆོས་སྡིང་གི་ཆོས་སྒོར་ཞུགས་ཏེ། ལོ་ངོ་བཅུའི་རིང༌། སུམ་རྟགས་སོགས་ཐ་སྙད་རིག་གནས་དང༌། བསྡུས་གྲྭ བློ་རྟགས། ས་ལམ། གྲུབ་མཐའ། དོན་བདུན་ཅུ་སོགས་ལ་སྦྱང་གཉེར་བྱས། ཕྱི་ལོ་ ༡༩༩༣ ལོར་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་ཞིང༌། གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་སྡེ་ནས་ལོ་ངོ་བཞིའི་རིང༌། ཚད་མ་དང་གྲུབ་མཐའ། ཕར་ཕྱིན་སོགས་ལ་སྦྱངས་བརྩོན་བྱས།

རྩོམ་འཕྲོ་ཀློགས།..

བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ངོ་སྤྲོད་མདོར་བསྡུས།

པར་འདེབས། PDF

༄༅།། བོད་ལྗོངས་མདོ་སྨད་ཆོལ་ཁ་ཞེས་པ་ནི་བོད་བཙན་པོའི་རྒྱལ་རྒྱུད་ཐོར་བཤིགས་སུ་སོང་བའི་རྗེས་ཀྱི་ཕྱི་ལོ་1246ལོ་སྟེ་རྒྱ་ནག་སུང་ལྷོ་མ་མཇུག་མ་བསྒྲིལ་གོང་གི་ལོ་ངོ་སུམ་ཅུའི་སྔོན་དང་སོག་པོའི་ཡོན་རྒྱལ་རབས་མ་ཚུགས་གོང་གི་ལོ་ཉེར་ལྔའི་མཚམས་སུ་བོད་སོག་གཉིས་བར་མཆོད་ཡོན་ཞེས་པའི་ཐ་སྙད་འདི་དང་པོར་བྱུང་བ་དང་།

རྩོམ་འཕྲོ་ཀློགས།..