མདོ་སྨད་དྲ་རྒྱ།

ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེའི་གནས་སྟངས་རྒྱུས་ལོན་བྱས་ཡོད།

ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བོད་བར་ཞི་བའི་གོམ་བགྲོད་གནང་སྟེ་ཟླ་འདིའི་ཕྱི་ཚེ...

མདོ་སྨད་དམིགས་བསལ་ཚོགས་ཆེན་གྱི་ཚོགས་མི་ཡོངས་ལ་༸གོང་ས་མཆོག་གིས་མཇལ་ཁ་གནང་བ།

ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༦ ཉིན་བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་རྒྱུན་སྐབས་བཅོ་ལྔ་པའི་དམིགས་བས...

བལ་ཡུལ་དུ་ཇོ་ནང་པའི་དབུ་མའི་བགྲོ་གླེང་སྐབས་གཉིས་པ་དབུ་འཛུགས་གནང་འདུག

ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༠ རེས་གཟའ་ལྷག་པའི་ཉིན་བལ་ཡུལ་ཇོ་ནང་དགོན་དུ་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོ...

བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་ཉིན་བཞི་བ། པར་རིས་གསར་འགྱུར།

བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་ཆེན་མོའི་ཉིན་བཞི་པ་སྟེ་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢ ཉིན་གྱི་སྔ་...

བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་ཉིན་གསུམ་པ།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བཀའ་སྤྱི་ཐུན་མོང་གིས་གོ་སྒྲིག་འོག་བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འ...

ད་ལྟའི་བོད་ཀྱི་གནས་སྟངས་སྐོར་ལ་མཁས་པའི་བགྲོ་གླེང་།

བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་གྱིན་ཉིན་གཉིས་པ་སྟེ་ཕྱི་ཟླ་ ༡ ཚེས་ ༣༡ ཉིན་གྱི་ཕྱི་དྲོ་དུས་ཚོ...

གསར་འགྱུར་རྒྱས་བཤད།

བདེ་སྲུང་ལས་ཁུངས་ཀྱིས་རྒྱ་གཞུང་གི་གསང་མྱུལ་བ་ཞིག་འཛིན་བཟུང་བྱས་འདུག

པར་འདེབས། PDF

རྒྱ་གཞུང་གསང་བའི་ཚན་པས་སྤྱི་བདེ་ཉེན་རྟོག་པ་ཞིག་བཙན་བྱོལ་བོད་མིའི་ཁྲོད་དུ་གསང་མྱུལ་དུ་བཏང་སྟེ་༧གོང་ས་མཆོག་གི་སྐུ་ཕྱྭ་དང་འབྲེལ་བའི་གནས་ཚུལ་དང་། བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་གནས་ཚུལ་ཁག་རྒྱ་གཞུང་ལ་མཁོ་སྤྲོད་བྱ་རྒྱུ་དང་། དེ་བཞིན་དུ་བཙན་བྱོལ་སྤྱི་ཚོགས་ནང་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་པ་ར་འཕྲོད་བྱུང་བའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ནས་ཡོངས་ཁྱབ་གསར་བསྒྲགས་སྤེལ་འདུག

སྐུའི་གཅེན་པོ་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་ལ་གསེར་གྱི་གཟེང་རྟགས་འབུལ་བཞེས།

པར་འདེབས། PDF

ཕྱི་ལོ ༢༠༡༣ ལོའི་ཟླ་ ༥ ཚེས་ ༡༧ ཉིན་གྱི་ཆུ་ཚོད་བཅུ་བའི་ཐོག་སུད་སི་ས་གནས་མདོ་སྨད་རྒྱུན་ལས་སྐབས་བརྒྱད་པའི་གོ་སྒྲིག་འོག་སུད་སི་ས་གནས་ཨེན་སི་རྡན (EInsieden) དུ་སུད་སི་མདོ་སྨད་མི་མང་གི་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་ཐེངས་དང་པོ་ཞེས་པའི་གཟེངས་རྟགས་ཤིག་བཀའ་བློན་ཁྲི་ཟུར་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་འབུལ་བཞེས་ཀྱི་མཛད་སྒོ་རྒྱས་པ་ཞིག་ཚོགས་ཡོད་འདུག

ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེའི་གནས་སྟངས་རྒྱུས་ལོན་བྱས་ཡོད།

པར་འདེབས། PDF

ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བོད་བར་ཞི་བའི་གོམ་བགྲོད་གནང་སྟེ་ཟླ་འདིའི་ཕྱི་ཚེས་ ༡༧ བར་ཉིན་གྲངས་དྲུག་བཅུ་རེ་དགུ་ཕྱིན་ཡོད་པ་དང་། རྒྱ་གར་གྱི་མངའ་སྡེ་ལྔ་ཙམ་བརྒྱུད་ནས་ད་བར་སྤྱི་ལེ་ ༡༥༥༥ ལྷག་བརྒལ་ཏེ་རྒྱ་གར་གྱི་ས་གནས་ Muzaffarpur ལ་འབྱོར་ཡོད་འདུག་ལ། ཕྱི་ཚེས་ ༡༦ ལྡི་ལིའི་མདོ་སྨད་ས་རྒྱུན་གྱི་ཚོགས་རྟ་མགྲིན་དང་། རྩིས་པ་བྱམས་པ་གཉིས་ཀྱིས་ཞི་བའི་གོམ་བགྲོད་ལས་འགུལ་ནང་མཉམ་ཞུགས་གནང་མཁན་སྐལ་བྷེ་ཐར་ལགས་བསྐྱལ་ཞོར་ཚེ་བརྟན་རྡོ་རྗེར་ཐུག་འཕྲད་དུ་ཕེབས་ཡོད་འདུག

ཆོལ་ཁ་གསུམ་གཙོས་ཚོགས་སྐྱིད་བཅུ་གཅིག་ནས་མཆོད་འབུལ་སྨོན་ལམ་གནང་སོང་།

པར་འདེབས། PDF

དེ་རིང་ཕྱི་ལོ ༢༠༡༣ ཟླ ༥ ཚེས ༩ ཉིན་ཞོགས་པ་ཆུ་ཚོད་༡༠།༤༥ ཐོག་དྷ་རིམ་ས་ལར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆོལ་ཁ་གསུམ་གཙོས་ཚོགས་སྐྱིད་ཁག་བཅུ་གཅིག་ནས་ ༢༠༡༣།༢།༢༥ ཉིན་གྲྭ་གསང་བདག་ནས་བཟུང་རྒྱལ་གཅེས་དཔའ་བོ་དཔའ་མོ་བཅུ་གྲངས་ཞིག་གི་བོད་བསྟན་སྲིད་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་གནང་བ་རྣམས་ཀྱི་ཆེད་དུ་མཆོད་འབུལ་རྒྱས་པ་ཞིག་གནང་སོང་།

བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གི་བཀའ་སློབ་གལ་ཆེན།

པར་འདེབས། PDF

བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་རིགས་མང་ཚོགས་ཡོང་ལ་གནང་བའི་བཀའ་སློབ་གལ་ཆེན།

ཕྱི་ལོ་ ༢༠༡༣ ཟླ ༤ ཚེས ༡༣ ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཐོག་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག རྡ་ས་མེག་གྷན་ཉིན་སློབ་ཚོགས་ཁང་དུ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས། མང་ཚོགས་ལ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་བྱུང་རིམ་དང་ངོ་བོའི་སྐོར་བཀའ་སློབ་དང་། མཇུག་ཏུ་མང་ཚོགས་ཀྱི་དྲི་བ་ཁག་ལ་བཀའ་ལན་སྩལ་ཡོད་ལ། ཚོགས་འདུ་དེར་བཀའ་ཟུར་དང་སྤྱི་འཐུས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ངྷ་སའི་སེར་སྐྱ་མང་ཚོགས་བཅས་ཁྱོན་མི་གྲངས་ ༡༠༠ ལྷག་འདུ་འཛོམས་བྱུང་འདུག

མདོ་སྨད་ཆོལ་ཁའི་༸སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས།

པར་འདེབས། PDF

ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་བཞུགས་སྒར་མདོ་སྨད་དབུས་རྒྱུན་ལས་ཁང་དུ་བོད་ལྗོངས་མདོ་སྨད་ཆོལ་ཁའི་སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་སྨན་པ་མཁྱེན་རབས་རྒྱ་མཚོ་ལགས་ཀྱིས་༸སྐུའི་གྱ་སྟོན་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཞིག་གནང་སོང་། 

ཤོག་ངོས་རྗེས་མ་དག་ཀློགས།

སྣ་འཛོམས་པར་སྣོད།

འབྲེལ་ཡོད་བརྙན་བསྡུས།



Get the Flash Player to see this player.

time2online Joomla Extensions: Simple Video Flash Player Module